03

ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ། 2025年08月31日

(པར་ངོས་དང་པོར་མཐུད)དངོས་འཛིན་དངོས་སྒྲུབ་བྱེད་པ་དང་།བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། སྤྱོད་ཚུལ་སློབ་གསོའི་དམིགས་འཛུགས་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་བ་དང་། གསར་དུ་གོ་གནས་འཕར་བའི་ལས་བྱེད་པ་དང་། གཞོན་ནུ་ལས་བྱེད་པ། ལས་གནས་གཙོ་བོའི་ལས་བྱེད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་ལ་སྣང་ཆེན་བྱེད་དགོས། རྒྱུན་ལྡན་ནས་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། དག་ཐེར་བཅོས་སྒྲིག་ནན་ཏན་བྱས་ཏེ། མཐའ་གཅིག་ཏུ་དམ་འཛིན་དང་མཐའ་གཅིག་ཏུ་ནན་པའི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་གཏོང་དགོས། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ་ལ་དམ་འཛིན་ཏན་ཏིག་བྱེད་པ། མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ལ་མགྱོགས་མྱུར་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱས་ཏེ་འགན་འཁྲི་ནན་པོ་འཁུར་བ་དང་། ཁོངས་གཏོགས་དོ་དམ་ནན་པོ་བྱས་ཏེ་ལྕགས་ལྟར་མཁྲེགས་པའི་སྒྲིག་སྲོལ་ལ་བརྟེན་ནས་སྤྱོད་ཚུལ་བཟང་པོ་བཙུགས་ཏེ། ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་། འགན་འཁུར་བྱ་སྤྱོད་སྤེལ་བ། དམངས་ལ་ཕན་བདེ་སྐྲུན་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚེས་29ཉིན་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་ཕྱོགས་བསྡོམས་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ལྷོད་མེད་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཕུགས་ཕན་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཞི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་སྤྱོད་ཚུལ་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་སྔར་བས་གསལ་འགྲེལ་གཏིང་ཟབ་གནང་བ་དང་། སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བར་བླང་བྱ་གསལ་པོ་བཏོན་གནང་བས། དེས་ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་དུས་བབ་དང་ལས་འགན་དང་འཚམ་པར་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་ལ་ཏང་ཡོངས་ཀྱིས་སློབ་སྦྱོང་དང་གོ་བ་ནན་ཏན་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག ད་ཐེངས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་གཟབ་ནན་ཁུར་བ་དང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དང་ལེན་ཧུར་ཐག་དང་ནན་ཏན་གྱིས་ཞུགས་པ། མི་དམངས་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་དང་སྤྲོ་སེམས་འཁོལ་བའི་རྒྱབ་སྐྱོར་བཅས་བྱས་ཏེ། སློབ་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། དངོས་གཉེར་དངོས་སྒྲུབ་ཀྱི་ཐོག་ནས་སྤྱོད་ཚུལ་ངན་པ་བཞིའི་གནད་དོན་མངོན་གསལ་དོད་པོ་དག་ཐག་གཅོད་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལམ་ལུགས་ཀྱི་ཞན་ཆ་གསབ་པ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་སྔོན་དཔག་གི་དམིགས་འབེན་ལེགས་འགྲུབ་ཐུབ་ཡོད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་བའི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ངོས་འཛིན་ཚད་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། རྒྱུན་དུ་དམ་འཛིན་དང་། དམ་འཛིན་གཏིང་ཟབ། ཡུན་རིང་དམ་འཛིན་བཅས་བྱེད་པའི་བསམ་བློའི་འདུ་ཤེས་བརྟན་པོར་འཛུགས་དགོས། བྱེད་སྟངས་སྣ་ཚོགས་ཀྱི་ཐོག་ནས་སྤྱོད་ཚུལ་སློབ་གསོའི་ཐད་ཤུགས་སྣོན་རྒྱག་པ་དང་། ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོད་པར་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་པ་དང་། བསམ་བློའི་རགས་ཁ་མི་ཤོར་བ་བྱེད་པ། རང་རྟོགས་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་བྱེད་པའི་གོམས་གཤིས་བཟང་པོ་འཇགས་སུ་འཇུག་དགོས། བཅོས་སྒྲིག་བྱེད་ཁག་པའི་སྤྱོད་ཚུལ་ངན་པ་རྒྱུན་མཐུད་ངང་བཅོས་སྒྲིག་བྱེད་པ་དང་། རྒྱུན་ལྡན་ནས་སྤྱོད་ཚུལ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་གྱི་མཐིལ་རྟོགས་ནུས་པ་དང་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ། དུས་ཡིན་རིང་པོ་རྩ་བའི་ཐོག་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་དམ་འཛིན་ལྷོད་མེད་དང་གོམ་གང་ཙམ་ཡང་ཕྱིར་བཤོལ་བྱེད་མི་རུང་། སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་ལ་མཉམ་བཤེར་མཉམ་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱོད་ཚུལ་ངན་པ་བཞིའི་གནད་དོན་གྱི་གཞི་ཁུངས་མེད་པར་བཟོ་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ལག་བསྟར་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ།ལམ་ལུགས་ཀྱི་གྲུབ་འབྲས་དེ་བཅོས་སྐྱོང་གི་ཕན་ནུས་སུ་ཏན་ཏིག་ངང་བསྒྱུར་བར་བྱེད་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དོ་དམ་དང་བཅོས་སྐྱོང་ནན་པོ་བྱེད་ཤུགས་ཆེ་རུ་གཏོང་བ། གོང་ནས་འོག་བར་གནོན་ཤུགས་སྤྲོད་པ་བཅས་ཀྱིས། སྤྱོད་ཚུལ་འཛུགས་སྐྱོང་གི་བཀོད་སྒྲིག་དང་བླང་བྱ་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ཧྲི་ཐའེ་ཧྥེང་དང་། ལི་ཧྲུའུ་ལེ། མུའུ་ཧུང་བཅས་ཚོགས་འདུར་ཞུགས་པ་རེད།

ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་སོགས་ཚོགས་འདུར་ཞུགས་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)